སོ་ནམ་དང་ནགས་ཚལ་བློན་པོ་གི་གཟིགས་སྐོར།

རང་ལུགས་གནམ་ལོ་ས་མོ་ཕག་ལོ་ རང་ཟླ་༨པའི་ཚེས་༨སྤྱི་ཚེས་༠༦.༡༠.༢༠༡༩ རེས་གཟའ་ཟླཝ་ལུ་ རྒྱལ་ཡོངས་ཆུ་དང་འབྲེལ་བའི་སྲོགས་ཆག་གསོ་སྐྱོངས་གོང་འཕེལ་དང་ཞིབ་འཚོལ་ལྟེ་བ་ནང་ལུ་ ས་ནམ་དང་ནགས་ཚལ་ལྷན་ཁག་ནང་ལས་ མི་རྗེ་བློན་པོ་མཆོག་གིས་འགོ་འཁྲིད་མཛད་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ལས་སྡེ་མཚན་ཅིག་གི་ གཞུང་འབྲེལ་གྱི་གཟིགས་སྐོར་ཅིག་གནང་ཡི། མི་རྗེ་བློན་པོ་མཆོག་གིས་ལྟེ་བ་འདི་གི་ཞི་གཡོགཔ་ཡོངས་ སྤྱི་གཡོགཔ་དང་དེ་ལས་གཞི་རིམ་ལས་གཡོགཔ་ཚུ་དང་ཅིག་ཁར་མཇལ་ཕྲད་གནང་པ་མ་ཚད་ དུས་ཡུན་ཆུ་ཚོད་༢དེ་ཅིག་གི་རིང་ལུ་ ལྟེ་བ་དི་གིས་ ལས་རིམ་མདོ་ཆེན་དང་ རྒྱལ་ཡོངས་ཕགཔ་རིག་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ ལས་རིམ་མདོ་ཆེན ༢ཀྱིས་ཁ་ཐུགས་ལས་གསོལ་ཞུ་ ཕུལ་བའི་ཤུལ་ལས་ གསུང་བཤད་ཅིག་ཡང་གནང་ཡི། གསེར་བ་དཀོན་པའི་གོ་སྐབས་འདི་ རྒྱལ་ཡོངས་ཕགཔ་རིག་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ནང་ལས་ ཞི་གཡོགཔ་ དང་ལས་རོགསཔ་ཚུ་གི་ཡང་བཅར་མར་གཏོགས་ཚུགས་ཅི། མི་རྗེ་བློན་པོ་མཆོག་གིས་ བཀའ་སློབ་བཟངམོ་གནང་མི་འདི་ ང་བཅས་ཞིབ་འཚོལ་ལྟེ་བ་ཚུ་གི་ འཆར་སྣང་ དང་དམིགས་དོན་ བསྒྲུབ་ནིའི་དོན་ལུ་དང་མ་འོང་ ཡུན་བརྟན་གྱི་འགྲུབ་འབྲས་སྟོན་ཚུགསཔ་ནི་གི་བློ་སྤོབས་དང་སེམས་ཤུགས་ཐོབ་ཅི། མཇུག་ར་ བློན་པོ་མཆོག་གིས་ ང་བཅས་ལྟེ་བ་གི་སྤྱི་གཡོགཔ་དང་གཞི་རིམ་ལས་གཡོགཔ་ཚུ་ལུ་ དམིགས་བསལ་གི་ཞལ་བཀོད་ དུས་ནམ་ར་སྦེ་རུ་ སྡེ་མཚན་ཅིག་སྦེ་ ལཱ་འབད་དགོཔ་གི་སྐོར་ལས་ བདེན་ཁུངས་དང་བཅསཔ་སྦེ་ ཡང་ལས་ཡང་དུ་གསུང་གནང་མི་ལུ་བརྟེན་ཏེ་ གཞུང་ལུ་ཕྱག་ཞུ་ནི་གི་སེམས་ཤུགས་འཐེབ་སྦེ་ར་ཐོབ་འདི་ཡོད།

པདྨ་འཕྲིས།

སྒོ་ནོར་ཐོན་སྐྱེད་འགོ་དཔོན།

རྒྱལ་ཡོངས་ཆུ་དང་འབྲེལ་བའི་སྲོགས་ཆག་གསོ་སྐྱོངས་གོང་འཕེལ་དང་ཞིབ་འཚོལ་ལྟེ་བ།

དགེ་ལེགས་ཕུག།

Share the article

Leave a Reply

error

Enjoy this blog? Please spread the word :)